བཟོ་རིག་བཅུ་གསུམ་་གྱི་གྲལ་ལས་སྤྲོས་བཟོ་་འདི་ཡང་ དང་པ་གསེར་གི་ སྐོར་གསེར་ལུ་དབྱེ་བ༢་ཡོད་གསེར་དཀརཔོ་ དང་གསེར་སེརཔོ་ཨིན། གསེར་རྩི་བཟོ་ཐངས་གིས་སྐོར་ གསེར་དཔྱ༣་ལུ་ཀེ་དྲེ་ཨེམ་དཔྱ་༡་ཏོ་ལ་ཁ་འཇལ་ཏེ་བཞུ་དགོ་ཨིན།གཉིས་པ་དངུལ་གིས་སྐོར་དངུལ་ལུ་དབྱེ་བ་༦་ཡོ། དེ་ཡང་རྒྱ་དངུལ།གཉིས་བརྩེགམ།མདའ་ཡང།བོད་ཀྲམ།མ་ཀྲམ།ཏིག་རྐྱང་ཚུགས་ཨིན། དངུལ་རྩི་བཟོ་ཐངས་གིས་སྐོར་དངུལ་ཏོ་ལ་༡་ལུ་ཟངས་སེར་ཐ་ལ་༡་དང་ཏིག་ཚ་ཤི་ཀི་༡་བླུགས་ཏེ་བཞུ་དགོཔ་ཨིན། གསུམ་པ་ཟངས་གི་སྐོར་ཟངས་ལུ་དབྱེ་བ་༣་ཡོདཔ་ཨིན།དེ་ཡང་ཆུ་ཟངས།ཟངས་དམར།ཟངས་སེར་ཚུགས་ཨིན། ཟངས་རྩི་བཟོ་ཐངས་གིས་སྐོར་ཟངས་གསེར་ཏོ་ལ་༣་ལུ་ཏིག་ཚ་ཏོ་ལ་༡་དངུལ་ཏོ་ལ་༡་བླུགས་ཏེ་བཞུ་དགོཔ་ཨིན།ཨིན་རུང་རྩི་་དཀརཔོ་བཟོ་ནི་ཡང་ཡོདཔ་ཨིན་དེ་ཡང་ ཟངས་གསེར་ཏོ་ལ་༣་ལུ་ཏིག་ཚ་ཏོ་ལ་༡་དང་ཞ་དཀར་ཏོ་ལ་༢་ མཇལ་སྟེ་བཞུ་དགོ་ཨིན

Tshering Dorji