ཕུར་པའི་སྐོར་ལས་ ངོ་སྤྲོད།

རྒྱལ་ཡོངས་ལག་ཁྱེར་གཉིས་པའི་ སློབ་སྦྱོང་མཐར་འཁྱོལ་མི་ཚུ་ལུ་ ཚོང་དང་བཟོ་གྲྭ་ཚུ་གི་གནས་ཚད་དང་འཁྲིལ་པའི་ཤེས་ཡོནདང་ལག་རྩལ་བསམ་སྤྱོད་ཚུ་བྱིན་ནིའི་དོན་ལུ་དང་ ལྷག་པར་དུ་རྩ་གཞུང་འདི་གི་དམིགས་གཏད་ གཙོ་བོ་རང་ལུགས་རྒྱལ་ཡོངས་ཀྱི་བཟོ་རིག་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པར་སོར་ཆུད་འབད་ཐབས་ཀྱི་དོན་ལུ་ བཀོད་སྒྲིག་འབད་འབདཝ་ཨིན། རྒྱལ་ཡོངས་ལག་ཁྱེར་གཉིས་པའི་ཤེས་ཚད་ལག་ཁྱེར་འཆང་མི་ཚུ་གིས་ ཚོང་དང་བཟོ་གྲྭའི་ལཱ་གི་ས་གོ་ནང་ཤིང་ཚོན་པའི་ལཱ་གི་དོན་ལུ་ ཤིང་ཚོན་གྱི་རི་མོ་ཚུ་ལས་ མེ་ཏོག་གི་རིགས། པ་ཏྲའི་རིགས། གོས་རིས་ཀྱི་རིགས། མཆོད་རྫས་ཀྱི་རིགས། གཟུགས་བརྙན་གྱི་རིགས་ཚུ་གི་རི་མོ་འབྲི་ནི་དང་ ཤིང་ཚོན་གཏང་ནིའི་ལཱ་གྲ་སྒྲིག་འབད་ནི། ཤིང་ཚོན་སྦྱོར་ནི། ཤིང་ཚོན་ཧང་ཚོན་/ཧས་ཚོན་དང་ གསུམ་མདངས་ དེ་ལས་རློན་མདངས་ཚུ་གཏང་ཚུགས། རྒྱལ་ཡོངས་ལག་ཁྱེར་གཉིས་པ་འཐོབ་ནིའི་དོན་ལུ་ འོག་ལུ་བཀོད་དེ་ཡོད་པའི་ཁྱད་ཆོས་ཚུ་ཚང་དགོཔ་ཨིན།